4/30,བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ། 全国藏文书法日的来历及书法欣赏

2024年4月30日 11:25:00
浏览量:0

 

 

རྒྱལ་ཡོངས་བོད་ཡིག་ཡིག་གཟུགས་ཉིན་མོའི་འབྱུང་ཁུངས། 

བོད་ཡིག་གི་ཡིག་གཟུགས་ནི་བོད་ཀྱི་རིག་གནས་སྒྱུ་རྩལ་གྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན་ཞིང་། སྤྱི་ལོའི་དུས་རབས་བདུན་པར་བོད་བཙན་པོའི་དུས་སྐབས་སུ་བློན་ཆེན་ཐོན་མི་སམ་བྷོ་ཊས་དེ་སྔའི་ཡི་གེའི་རྨང་གཞིའི་ཐོག་གནའ་བོའི་རྒྱ་གར་གྱི་ཡི་གེ་མི་འདྲ་བའི་ལེགས་ཆ་བསྡུ་ལེན་གྱིས་བོད་རིགས་ཀྱི་རིག་གནས་དང་ཟུང་འབྲེལ་གྱིས་བོད་ཀྱི་ཡི་གེ་འཐུས་ཚང་ཞིག་བཟོས་པ་དང་དེ་རྗེས་ཡིག་གཟུགས་མཁས་ཅན་བརྒྱད་ཐོན་ནས་ཡིག་གཟུགས་མ་ལག་ཆེན་པོ་བརྒྱད་གྲུབ་ཡོད། ཡིག་གཟུགས་མཁས་པ་ཁྱུང་པོ་གཡུ་བྲིས་ཀྱི་དབུ་ཆེན་ཞེས་པའི་ཡིག་གཟུགས་ལ་ཚན་རིག་དང་མཐུན་པའི་ཚད་གཞི་བྱས་ཤིང་། ཕྱིས་སུ་ཆེས་རྒྱ་ཆེ་བའི་ངང་བེད་སྤྱོད་བྱས་པའི་ཡིག་གཟུགས་སུ་གྱུར་ཏེ། ཁྱུང་བྲིས་(ཁྱུང་པོ་གཡུ་བྲིས་ལ་ཟེར་)ཞེས་འབོད། 

 

སྤྱི་ལོ་༢༠༠༨ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། བོད་ཡིག་ཡིག་གཟུགས་དེ་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་གཉིས་པའི་ནང་བཅུག་ཡོད།

 

སྤྱི་ལོ་༢༠༡༧ལོའི་ཟླ་༤པར་མཚོ་སྔོན་མི་རིགས་སློབ་ཆེན་དུ་རྒྱལ་ཡོངས་ཀྱི་བོད་ཡིག་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་འཚོགས་ཤིང་། ཚོགས་འདུར་ཞུགས་མཁན་བོད་ཡིག་ཡིག་གཟུགས་མཁས་ཅན་དང་། སྤྱི་ཚོགས་མི་སྣ། དགེ་སློབ་ཀྱི་འཐུས་མི་བཅས་ཀྱིས་ས་གནས་ས་ཐོག་ཏུ་དམངས་གཙོའི་འདེམས་ཤོག་འཕེན་པའི་རྣམ་པའི་ཐོག་ནས་ལོ་ལྟར་སྤྱི་ཟླ་བཞི་པའི་ཚེས་༣༠ཉིན་རྒྱལ་ཡོངས་ཀྱི་བོད་ཡིག་ཡིག་གཟུགས་ཉིན་མོར་གཏན་འཁེལ་བྱས་པ་དང་། ༤ཡིས་བོད་ཡིག་ཡིག་གཟུགས་ཀྱི་དབྱངས་བཞི་མཚོན་པ་དང་། ༣༠ཡིས་བོད་ཡིག་གི་གསལ་བྱེད་༣༠མཚོན་པར་བྱེད་ཀྱི་ཡོད།

 

全国藏文书法日的来历

    藏文书法是藏族文化艺术的重要组成部分,公元七世纪,吐蕃赞普松赞干布时期,大臣吞米·桑普扎在原有文字的基础上,吸纳古印度不同文字的优点,结合藏族文化,创造了完善的现用藏文字,随后出现了八大书法家,形成了八大书法体系。书法家琼布玉赤对“乌钦”字书法进行了科学的规范,后来成为最广泛使用的字体,被称之为“琼赤”(即琼布玉赤之书法)。

 

   2008年,藏文书法经国务院批准列入第二批国家级非物质文化遗产名录。

 

   2017年4月份,在青海民族大学召开了首届全国藏文书法研讨会,前来参会的藏文书法家、社会人士及师生代表,在现场以民主投票方式确定每年公历4月30日为全国藏文书法日,4代表四个藏文元音字母,30代表30个藏文辅音字母。

 

 

 

首页    本地资讯    4/30,བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ། 全国藏文书法日的来历及书法欣赏